རྒྱལ་བུ་སྐུ་མཆེད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་དང་། ཕན་ཚུན་གྱི་མཛའ་བརྩེ་ཟབ་མོའི་བྱུང་རིམ་ལ་ཡིད་དབང་འཕྲོག་པའི་ནུས་པ་ལྡན། དེ་བཞིན་དོན་གྲུབ་དང་ཕུ་ནུ་གཉིས་ཀྱི་བརྩེ་སེམས་ལ་བསྟོད་བསྔགས་དང་། བཙུན་མོ་པདྨ་ཅན་གྱི་བསམ་སྦྱོར་ངན་པ། རྒྱལ་པོ་སྟོབས་ཀྱི་མཛད་སྤྱོད། བདུད་བློན་ཏྲི་ཤུའི་ཕྲག་དོག་དང་གཡོ་སྒྱུ་བཅས་ལ་སུན་འབྱིན་བྱས་ཏེ་ལས་འབྲས་ལ་བརྩི་འཇོག་བྱེད་དགོས་པའི་གནས་ལུགས་ཟབ་མོ་བརྗོད་ཡོད།
གཞི་རིམ་འོག་མའི་འཛིན་རིམ་ལྔ་པའི་སྐད་ཡིག་སློབ་དེབ་འདི་ནི། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་སྐད་ཡིག་གཞིའི་རྩ་འཛིན་གཞིར་བཟུང་སྟེ། སློབ་གྲྭའི་བོད་དགེ་རྣམས་ཀྱི་བསམ་འཆར་བསྡུ་ལེན་དང་། འདས་པའི་བོད་ཕྱིན་ནང་གི་སློབ་དེབ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་སྡོམ་ལ་སོགས་གནང་སྟེ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་དང་རྩོམ་སྒྲིག་གནང་སྟེ་ཕྱི་ལོ་ ༢༠༡༤ ལོར་འགྲེམས་སྤེལ་གནང་བ་ཞིག་ཡིན།
སྦྱོང་དེབ་འདི་དག་གཙོ་བོ་འབྲེལ་ཡོད་རྩིས་རིག་སློབ་དེབ་སོ་སོར་གཞི་བཅོལ་སྟེ་ཤེས་རིག་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་བ་ཞིག་རེད།
ཕྱི་ལོ་ ༢༠༠༧ ལོར་བཏོན་པའི་རྩིས་རིག་སློབ་དེབ་དང་། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༦ ལོར་བཏོན་པའི་རྩིས་རིག་སློབ་དེབ་སོགས་ལ་གཞི་བཅོལ་ནས་ཕྱི་ལོ་ ༢༠༡༧ ལོར་ཤེས་རིག་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་སློབ་གྲྭ་ཁག་ལ་འགྲེམས་སྤེལ་གནང་ཡོད་པ་རེད།
འཛིན་རིམ་བཅུ་པའི་སྐད་ཡིག་སློབ་དེབ་འདི་ནི། ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱིས་གཏན་ལ་ཕབ་པའི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་དགོངས་དོན་ལྟར། ཕྱི་ལོ་ ༢༠༡༦ ཤེས་རིག་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་སློབ་གྲྭ་ཁག་ལ་འགྲེམས་སྤེལ་གནང་བ་ཞིག་རེད།
Class IV Mathematics Textbook (New Syllabus 2) | འཛིན་གྲྭ་བཞི་པའི་ཨང་རྩིས་གསར་པ་ ༢་ phayul རྒྱལ་བུ་སྐུ་མཆེད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་དང་། ཕན་ཚུན་གྱི་མཛའ་བརྩེ་ཟབ་མོའི་བྱུང་རིམ་ལ་ཡིད་དབང་འཕྲོག་པའི་ནུས་པ་ལྡན། དེ་བཞིན་དོན་གྲུབ་དང་ཕུ་ནུ་གཉིས་ཀྱི་བརྩེ་སེམས་ལ་བསྟོད་བསྔགས་དང་། བཙུན་མོ་པདྨ་ཅན་གྱི་བསམ་སྦྱོར་ངན་པ། རྒྱལ་པོ་སྟོབས་ཀྱི་མཛད་སྤྱོད།SB97